Thursday, April 30, 2020

འཛམ་གླིང་མི་རྟག་པའི་རང་བཞིན།།

འཛམ་གླིང་མི་རྟག་རང་བཞིན་ཨིན། མི་ཚོ་རྟག་པ་མེད་དོ་བཟུམ། སྡུག་བསྔལ་ལུ་ཡང་རྟག་པ་མེད། དགའ་བ་ངང་གིས་བསྒྱུར་དོ་བཟུམ། སྡུག་བསྔལ་དེ་དག་ལས་ཀྱི་བསྒྱུར། རང་ལུ་ཡོད་པའི་སྡུག་བསྔལ་བཟུམ། སྡུག་བསྔལ་མེན་མི་ག་ཡང་མེད། རང་གིས་བལྟན་རང་རྐྱངམ་ཅིག།མྱོང་དོ་བཟུམ་སྦེ་མཐོང་སྡོད་འོང་། རོག་ཕྱི་ལས་དགའ་ས་འཐོང་རུང་། ནང་གི་སྡུག་བསྔལ་རང་མི་ཤེས།
ད་རེས་སྡུག་རུང་ནངས་པ་སྐྱིད།འཛམ་གླིང་བསྒྱུར་བའི་རང་བཞིན་ཨིན། སྡུག་བསྔལ་གོ་མི་ག་ཡང་མེད། ཨིན་རུང་འཁོར་བ་སྡུག་བསྔལ་ཧོད། སྔ་མའི་ལས་ཡང་ཨིམ་བ་བསམ། མི་ཚེ་ནམ་ཤིས་ནུམ་ཤིས་མེད། སྡོད་པའི་རིང་ལུ་དགའ་སྤྲོ་སྟོན། སྒྲུབ་དཀའི་རེ་བ་སྐྱེལ་མི་དགོ། གཞན་ལུ་ཕན་སེམས་བྱམ་རྩེ་སྐྱེལ། ཤ་ཚ་ཧིང་ཚའི་སྒོ་ལས་སྦེ།གཞུང་དང་ཕམ་ལུ་ཞབས་ཏོག་ཞུ།
མནོ་ཚེ་དོན་དག་སྒྲུབ་མི་ཚུགས། ལྷ་ཡིའི་པག་བསམ་ལྗོན་ཤིངན་མེན། སླབ་ཚེ་ཉེན་མི་ག་ཡང་མེད། ཉེན་ཚེ་ཧན་པའི་གཏམ་མི་འོང་།འདི་ཚུ་སྡུག་བསྔལའི་རྒྱུ་ཨིན་མས། རང་ལུ་རྐྱངམ་ཅིག་མྱོངམ་ཡང་མེན། འགྲོ་བ་གེ་ར་ལས་ཀྱི་མྱོང། རང་ལུ་དགའ་མི་གཅིག་འཐོན་ན། མ་ཕབ་རྐྱབ་མི་བརྒྱ་འཐོན་འོང་། མ་ཕབ་རྐྱབ་མི་གཅིག་ཡོད་ན།་དགའ་མི་བརྒྱ་ནང་སྟོང་འཐོན་འོང་། འདི་ཚུ་འཇིག་རྟེན་འགྲོ་ལུགས་ཨིན། སྣང་མེད་རང་གི་མི་ཚེ་སྐྱོང་།
མི་ཚེ་མི་རྟག་མྱུར་དུ་ཟད། སྡོད་རིང་དགའ་སྤྲོའི་ངང་ལུ་སྤྱོད། འདས་པའི་སྡུག་བསྔལ་འབག་མེད་དགོ། མ་འོང་བསམ་འཆར་བཀོད་མེད་དགོ། ད་ལྟོ་མི་ཚེ་སྤྲོ་མཉམ་ལེན། 
མནོ་བསམ་ག་མེད་གུ་མེད་བཏང་། རྟག་མེད་སྡུག་བསྔལ་ཤུགས་ཐད་འདི། བློ་སེམས་འཁྲུལ་འདི་སྡོད་མ་ད། རང་སྲོག་རང་གི་གཅད་མ་དག། ནད་པ་མ་རྟོག་ཕན་པ་མེད། རང་ལུ་བརྩེ་བའི་ཕ་མ་ཡོད། སྤུན་དང་ཆ་རོགས་སློབ་དཔོན་ཡོད། སྡུག་བསྔལ་མི་རྟག་བསམ་འདི་གི། མི་ཚེ་དགའ་སྐྱིད་ངང་ལུ་སྐྱོང་། སྡུག་བསྔལ་རང་གི་སེམས་ལས་འབྱུང་།་དེ་བཞིན་དགའ་བ་སེམས་ཀྱི་བཟོ།
བཀྲིན་ཆེ།

No comments:

Post a Comment

comments ..