Thursday, December 12, 2013

མི་ཚེའི་རེ་བ།


ང་བཅས་འགྲོ་བ་རིགས་དྲུག་ནང་ལུ་སྐྱེས་པའི་སེམས་ཅན་ག་ར་ཨིན་རུང་སྐྱེས་ཚར་བའི་ཤུལ་ལུ་རང་གིས་མི་ཚེ་ནང་ལུ་རེ་བ་རྣམས་པ་སྣ་ཚོགས་བསྐྱེད་ནི་ཡོད་དོ་བཟུམ་སྦེ་ང་ར་ཡང་ངེའི་མི་ཚེ་ནང་ལུ་རེ་བ་ལེ་ཤ་སྐྱེད་ཅི།ད་ལྟོ་ཚུན་ཚེ་ངེའི་རེ་བ་འདི་ཚུ་གེ་ར་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ལས་བཀའ་ངལ་ག་ནི་ཡང་མེད་པར་ལེགས་ཤོམ་སྦེ་གྲུབ་ཚུགས་ཏེ་ཡོདཔ་ཨིན་རུང་ངེའི་མི་ཚེ་ནང་ལུ་རེ་བ་ཁག་ཆེ་ཤོས་གཅིག་རང་གི་མི་ཚེ་ནང་ལུ་རང་ལུ་ཕན་ཐོག་པའི་ ཚེ་ཅིག་ལུས་ཅིག་དམ་ཚིག་ཡོད་མི་ལས་རྒྱུ་འབྲས་རྩིས་ཤེས་པའི་གཉེན་དང་འགྲོགས་གཅིག་ཐོབ་པའི་རེ་བ་སྐྱེས་ཏེ་རང་སྡོད་ཅི།དེ་སྦ་རེ་བ་སྐྱེས་ཏེ་ང་སྐྱེ་ལོ་ ༡༩ ལང་སོང་ཡི། དེ་བསྒང་ང་བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ ནང་ལུ་ལོ་ངོ་དང་པའི་སློབ་ཕྲུག་སྦེ་སྡོདཔ་ད་ དུས་ནམ་ཡང་མ་འཐོང་པའི་ བུམོ་མཇའ་རིསམོ་གཅིག་དང་བརྒྱུད་འཕྲིན་གྱི་ཐོག་ལས་སྦེ་ཕྱེད་ཅི། མོ་དང་ཕྱེད་དེ་སེམས་དགའ་སྟེ་སྡོད་པའི་བར་ན་ མོ་རྒྱ་གར་ལུང་པ་ལུ་ཆོས་ བལྟ་བར་ཡར་སོང་ཡི།
མོ་ལོ་གསུམ་གྱི་རིང་ལུ་དཔེ་ཆ་ལྷབ་སྡོདཔ་ད་ང་བཟའན་བཅུད་མེད་ ཉལན་ཉིད་མེད་ མོ་རང་དྲན་ སྟེ་སྡོད་ཅི།་ཨིན་རུང་མོ་འབྲུག་ལུ་ལོག་ལྷོདཔ་ད་བཟའ་ཚང་གཅིག་ཁར་སྡོམ་ནིའི་རེ་བ་བསྐྱེད་དེ་འབད་རུང་ མོ་གིས་མོ་གཡོག་མ་ཐོབ་ཚུན་ཚོད་གཉེན་མི་བརྐྱབ་ཟེར་སླབ་ལས་ང་རང་ཡང་མོ་གིས་སླབ་མི་འདི་ཨིནམ་སྦེ་མནོ་སྟེ་དེ་སྦེ་རང་སྡོད་དགོཔ་བྱུང་ཡི། ཨིན་རུང་ངེའི་རེ་བ་འདི་ཙ་ལས་མ་རྫོགས། མོ་དང་གཅིག་ཁར་གཉེན་བརྐྱབ་ བར་ན་བུ་གཞི་ཚུད་དེ་ དགའ་སྤྲོ་དང་སྤྲོ་མཉམ་གྱི་འགོ་ལས་ མི་ཚེ་སྐྱོང་ནི་རེ་བ་བསྐྱེད་དེ་རང་ཡོད་ཟེར་ ངེའི་ཆ་རོགས་ཚུ་ལུ་གནས་ཚུལ་དང་འདྲཝ་ཅིག་སྦེ་བཤདཔ་ཨིན།།

No comments:

Post a Comment

comments ..